གཞོན་སྐྱེས་བརྟན་བཞུགས་དང་བོད་ཀྱི་གཞོན་སྐྱེས་དུས་སྟོན་གྱི་ལས་གཞི་ལམ་ལྷོང་ཡོང་མིན་ནི་ང་ཚོའི་ཚོགས་པར་རག་ལས་ཡོད། རང་རེའི་སྤྱི་ཚོགས་ཀྱི་ནང་དུ་ལོ་ན་༡༧ ནས་༤༥ བར་གྱི་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་མང་པོ་ཞིག་ཡོད་ངེས་ཡིན་པས།  ང་ཚོས་ངོས་ནས་ཁྱེད་རྣམས་ཀྱིས་མཐུན་འགྱུར་གནང་རྒྱུར་དགའ་བསུ་ཞུ་བཞིན་ཡོད།  

ང་ཚོས་ངོས་ནས་ད་དུང་ཡང་གོ་སྒྲིག་ཚོགས་པ་རྒྱ་སྐྱེད་བྱེད་བཞིན་པ་ཡིན་སྟབས།   མུ་མཐུད་དུ་གཞོན་སྐྱེས་རིག་རྩལ་འདྲ་མིན་ཡོད་མཁན་རྣམས་གསར་བསྡུ་བྱེད་བཞིན་པ་ཡིན།  ཁྱེད་ཉིད་ང་ཚོའི་གོ་སྒྲིག་ཚོགས་པར་མཉམ་ཞུགས་བྱ་འདོད་ཡོད་ཚེ་གཤམ་གྱི་དགོས་འདུན་ལ་གཟིགས་ནས་ང་ཚོའི་ཚོགས་པར་མཉམ་ཞུགས་ཞེས་པའི་མགོ་བརྗོད་ཐོག་གློག་འཕྲིན youthtenshug@gmail.com ལ་འབྲེལ་བ་གནང་རོགས། 

གློག་འཕྲིན་གྱི་ནང་དུ་སྐུ་ཉིད་ཀྱི་ཤེས་འཇོན་དང་དགའ་མོས་ལ་དཔག་ནས་ཐེངས་འདིའི་གཞོན་སྐྱེས་བརྟན་བཞུགས་དང་གཞོན་སྐྱེས་དུས་སྟོན་སྐབས་ལ་རོགས་འདེགས་ཇི་ལྟར་ཞུ་ཐུབ་མིན་གསལ་འགྲེལ་བྱས་པ་བརྒྱུད་ནས།   མི་སྒེར་གྱི་ལོ་རྒྱུས་རགས་བསྡུས་ཤིག་དང་ལྷན་དུ་གཙོ་བོ་ཁྱེད་ཀྱིས་ནུས་ཤུགས་ཕྱོགས་གང་ནས་མཁོ་འདོན་བྱེད་ཐུབ་མིན་དང་། སྐུ་ཉིད་ཀྱི་ཕྱག་ལས་ཀྱི་ཉམས་མྱོང་བཅས་འབྲི་རོགས།   

གལ་ཏེ་སྐུ་ཉིད་ཀྱིས་རྒྱུན་དུ་ཆུ་ཚོད་བཏོན་ནས་ཕྱག་ལས་གནང་མི་ཐུབ་ཚེ།   རང་གི་ཤེས་འཇོན་ལ་དཔག་པའི་ཞབས་འདེགས་གཞན་ཞུ་ཐུབ་ན།  ཞབས་འདེགས་གཞན་ཞེས་པའི་མགོ་བརྗོད་ཐོག་ང་ཚོར་འབྲེལ་བ་བྱ་རོགས།   

བརྟན་བཞུགས་དང་དུས་སྟོན་གྱི་དངོས་གཞིའི་སྐབས་སུ་དང་བླངས་ཀྱིས་ཕྱག་རོགས་གནང་འདོད་ཡོད་མཁན་རྣམས་ལ་ང་ཚོས་ངོས་ནས་མི་འགྱངས་བར་འགེངས་ཤོག་ཅིག་གསར་བཟོ་བྱེད་རྒྱུ་ཡིན་པས་དེར་ཐུགས་སྣང་གནང་རོགས། 

རིག་རྩལ་ཐོ་གཞུང་།

  • བརྒྱུད་ལམ་འབྲེལ་གཏུག (ཚོང་སྒྲོག། སྤྱི་ཚོགས་བརྒྱུད་ལམ་སོགས།)
  • རི་མོ་ཇུས་འགོད་པ།
  • མཛད་སྒོ་འཛིན་སྐྱོང་བྱེད་མཁན། 
  • ཐོ་འགོད་མཉེན་ཆས་དོ་དམ་པ།
  • ཁོར་ཡུག་རྒྱུན་གནས་ལ་ནུས་ཤུགས་འདོན་མཁན། 
  • སྐད་ཡིག་སྣ་མང་ཤེས་མཁན།

ང་ཚོས་འཚོལ་བཞིན་པའི་དང་བླངས་་ནི།

  • མདུན་སྐྱོད་དང་ཡིད་རྟོན་འོས་པ།
  • འབྲེལ་ལམ་འཛུགས་མཁས་བ། 
  • སྤྱི་སེམས་ཡོད་མཁན།  
  • ཚོགས་པར་བསྟུན་མཁས་བྱེད་མཁན།